
དམ་པའི་གསུང་རབ་བོད་འགྱུར་གསར་མ་ནི་དེང་དུས་བོད་སྐད་ཡིག་གི་འགྱུར་དམིགས་བསལ་ཞིག་ཡིན། ཐད་སྒྱུར་གྱི་རྩ་དོན་གཙོ་བོར་བཟུང་ཡོད། འགྱུར་འདི་ནི་བོད་ཀྱི་ལོ་ཙཱ་པ་ཁག་ཅིག་གིས་འགྱུར་གང་མང་ལ་ཞིབ་ཅིང་ཕྲ་བར་བརྟགས་ནས་བོད་ཡིག་ཏུ་བསྒྱུར་བ་དང་། ཡང་དང་བསྐྱར་དུ་བཟོ་བཅོས་གནང་བ། བོད་པའི་ཡུལ་ལུང་དང་ཚོ་བ་ཁག་ནས་ཚོད་ལྟ་བགྱིས་པ། གཞུང་རེ་རེ་བཞིན་ཨིབ་རི་དང་གྷི་རིག་གི་ཕྱི་མོའི་ཡི་གེ་ལ་གཏུགས་ཤིང་དག་པར་བཅོས་པ་བཅས་ཀྱི་གོ་རིམ་སོང་ཡོད་པས་འགྱུར་ཚད་དང་ལྡན་པ་ཞིག་ཡིན། འགྱུར་འདི་ནི་སྐྱེ་བོ་སོ་སོའི་ལྟ་ཀློག་དང་སེམས་ཞིབ་མོས་སློབ་སྦྱོང་བྱེད་པ། ཚོགས་གྲལ་ནས་རྒྱ་ཁྱབ་ཏུ་ཀློག་པ། མདོ་རྣམས་བློར་འཛིན་པ་སོགས་ཕྱོགས་གང་ཅིའི་ཐད་ལ་འོས་ཤིང་འཚམ། དམ་པའི་གསུང་རབ་བོད་འགྱུར་གསར་མ་འདི་དཀོན་མཆོག་ལ་ཕུལ་བའི་ཞབས་ཕྱི་ཡིན་པར་བརྟེན། ཁྱེད་ཀྱིས་རང་ཅག་གི་གཙོ་བོ་སྐྱབས་མགོན་ཡེ་ཤུ་མཱ་ཤི་ཀ་བརྒྱུད་ནས་དཀོན་མཆོག་ངོ་ཤེས་རྒྱུ་ནི་ང་ཚོའི་སྨོན་འདུན་ཉག་ཅིག་ཡིན།
མི་སྒེར་གྱི་ལྟ་ཀློག་སྦྱོང་གསུམ་བྱེད་སའི་དམ་པའི་གསུང་རབ་བོད་འགྱུར་གསར་མའི་ཕྱི་ཤོག་ནི་རྒྱུ་སྤུས་ལེགས་པའི་ཀོ་མདོག་ཁམ་སྨུག་དང་། གསེར་མདོག་གི་བོད་ཡིག་འབུར་རྐོས་སུ་བྱས་ཡོད། མཚོན་རྟགས་རི་མོ་ཡང་རི་བོ་ཇོ་མོ་གླང་མའི་བཟོ་ལྟ་ཡིན།
ལྷོ་ཀོ་རི་ཡ་དམ་པའི་གསུང་རབ་ཚོགས་པས་པར་བཏབ་པ་དང་། ཁ་ནཱ་ཊ་དམ་པའི་གསུང་རབ་ཚོགས་པས་དཔེ་བསྒྲིགས་གནང་། Central Asia Publishing, ནས་པར་སྐྲུན་འགྲེམ་སྤེལ་གནང་། ༢༠༢༣ ལོའི་པར་གཞི་སྤུས་ལེགས་འདིར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འགའ་ཡོད་པ་གཤམ་གསལ།
དར་སྐུད་ཀྱི་དཔེ་ཟོང་གཉིས།
དེབ་ཀྱི་མཐའ་ཤོག་གསེར་སེར་པོ།
ཤོག་གུའི་ཆེ་ཆུང་165 x 233mm (6.5 x 9.15 inches)
ཡི་གེའི་ཚད་ 12.3 pt
